美文集美文集

དྲིན་ཅན་ཨ་མ།

རང་གི་མ་འོངས་མདུན་ལམ་ཕྲན་བུ་དེའི་ཆེད་དུ་༏གཉེན་ཉེ་འཁོར་དང་རང་ཡུལ་རྒྱང་རིང་དུ་བསྐྱུར་ནས་༏མི་ཡུལ་ལུང་པའི་ཕྱོགས་ལ་རྟབ་རྟབ་དུ་འགྲོ་དུས༏ུ ཁེར་རྐྱང་གླུ་ཆུང་སྐྱུར་མོ་ངག་ཕྲེང་ནས་ཤོར་སོང་༏གྱེལ་བྲལ་སྐྱོ་གདུང་སྙིང་ཁའི་རྨ་ཁ་དང་མཚུངས་ལ་༏ འདས་པའི་ཕྱིར་དྲན་སྙིམ་པའི་རི་མོ་ལྟར་གསལ་བས་༏ ཞེན་ཆགས་ཕ་ཡུལ་བསྐྱུར་བའི་བུ་མོ་ངའི་སེམས་པ་ དྲིན་ཆེན་ཨ་མའི་ཕྱོགས་སུ་དབང་མེད་དུ་ཤོར་སོང་༏།